Welcome to Nyingma Monlam Chenmo

གལ་ཆེའི་གསལ་བསྒྲགས།

༄༅། །སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཁག་གི་བསྟན་བདག་༸སྐྱབས་རྗེ་རིན་པོ་ཆེ་རྣམ་པས་དབུས་འབྲེལ་ཡོད་འདུས་སྡེ་ལྷན་རྒྱས་ཡོངས་ཀྱི་ཞབས་དྲུང་དུ།
ཆེད་དུ་ཞུ་གསོལ་འདེབས་སྙིང་། དེང་གི་ཏོག་དབྱིབས་ནད་ཡམས་ Covid19 རྐྱེན་གྱིས་ཕར་འགྲོ་ཚུར་འོང་དང་། འདུ་འཛོམས་རིགས་སོགས་ལ་ད་དུང་ཡང་ཡིད་གཟབ་གནང་དགོས་པའི་དུས་འདིར། སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྔར་རྒྱུན་བཞིན་འདུས་ཚོགས་སྟོང་ཕྲག་མང་པོ་ལྷན་འཛོམས་གནང་བ་འགན་བློས་མ་བཟོད་པར་བརྟེན་སྨོན་ལམ་ཆེན་མོའི་འགན་འཛིན་ལྷན་ཚོགས་ནང་ཁུལ་གོ་བསྡུར་བྱས་ཏེ། རབ་གནས་ལྕགས་གླང་བོད་ཟླ་ ༡༢ ཚེས་ ༡ ནས་ ༡༠ བར་དང་། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢ ནས་ ༡༡ བར་ནམ་རྒྱུན་སྨོན་ལམ་ཆེན་མོ་ཚོགས་པའི་དུས་ཚོད་ཁེལ་ཡོད་པས་གཤམ་གསལ་ལྟར་གནང་ཕྱོགས་ཡོང་བ།
༡། སྔ་འགྱུར་སྨོན་ལམ་ཆེན་མོ་ནི་རང་ཅག་སྔ་འགྱུར་བ་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་༸སྐྱབས་རྗེ་རིན་པོ་ཆེ་རྣམ་པའི་ཐུགས་བསྐྱེད་མཛད་འཕྲིན་ལས་བྱུང་བའི་བསྟན་འགྲོ་སྤྱི་བྱེ་དང་། འཛམ་གླིང་ཞི་བདེར་ཕན་པའི་ཆོས་ཕྱོགས་ཀྱི་ལས་རིམ་གལ་ཆེ་ཞིག་ཡིན་པར་བརྟེན། ལོ་འདིར་སྨོན་ལམ་ཆེན་མོ་ཐེངས་ ༣༣ པ་རྡོར་གདན་མཆོད་སྡོང་རིན་པོ་ཆེའི་མདུན་འདུས་ཚོགས་ཉུང་ཤས་ཤིག་ལས་སྔར་རྒྱུན་བཞིན་དགོན་སྡེ་ཚང་མ་ལྷན་འཛོམས་གནང་མི་དགོས་པ་དང་། གོང་གསལ་དུས་ཚོད་དེའི་རིང་ཕྱོགས་གང་སར་ནས་ཐུགས་སྨོན་མཚམས་སྦྱོར་གནང་སྐྱོང་ཡོང་བ་ཞུ་རྒྱུ།
༢། རྡོར་གདན་རྣམ་གྲོལ་གླིང་དགོན་པ་དང་། ཞེ་ཆེན་དགོན་པའི་དགེ་འདུན་པ་རྣམས་གཙོས་གཉུག་མར་གནས་པའི་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པའི་དགེ་འདུན་གྲྭ་བཙུན་སྔགས་གསུམ་གྱིས་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་སྡོང་ཆེན་རིན་པོ་ཆེའི་ནུབ་ཕྱོགས་བྱང་ཆུབ་ལྗོན་ཤིང་གི་མདུན་དུ་མཆོད་སྤྲིན་རྒྱས་བཤམ་དང་འབྲེལ། ཉིན་བཅུ་རིང་སྨོན་ལམ་འཚོག་གནང་རྒྱུ། ཞིབ་ཆ་གསལ་བསྒྲགས་རྗེས་སུ་ཞུ་རྒྱུ།
༣། དགོན་སྡེ་སོ་སོས་དབུས་སའི་གཞུང་གིས་ལམ་སྟོན་བཞིན་ནད་ཡམས་སྔོན་འགོག་གི་ཆ་རྐྱེན་འོག་བོད་ཟླ་ ༡༢ ཚེས་ ༨། དང་། ༩། ༡༠། ཕྱི་ཟླ་ ༢ ཚེས་ ༩ དང་། ༡༠།༡༡ བཅས་ཉིན་གྲངས་གསུམ་རིང་དགོན་སྡེ་སོ་སོས་སྨོན་ལམ་ ཚོགས་ཐབས་ཡོང་བ་ཞུ་རྒྱུ་བཅས། རྡོར་གདན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་རྒྱུན་ལས་ནས་རབ་གནས་ལྕགས་གླང་སྟེ་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༩ ལ།།

Important Announcement

19th November 2021

This is to kindly inform all the Kyabjey Rinpoche and the Sangha community of the various Nyingma lineage holders’ monasteries that considering the necessity of taking caution on gathering and movement with the widespread of covid19. The Executive Committee of the Nyingma Monlam Chenmo provides the following guidelines for the Monlam Chenmo scheduled to be held from 1st to 10th days of the 12th Month of Metal Rat Year of the Tibetan calendar system, which corresponds to 2-11 February 2022.

As Monlam Chenmo is an important religious proceeding for the doctrine and the beings, and for world peace with blessings from the great Nyingma masters. Therefore, a small number of sangha will gather in front of the Bodhi tree of the Mahabodhi Temple for the 33rd Monlam Chenmo without having a mass gathering. All are requested to offer prayer on the scheduled period from their respective places.
Monks of Namdoling and Shechen Monasteries based in Bodhgaya along with other monks, nuns, and Ngakpas of Nyingma lineage will hold the ten day Monlam in front of the Bodhi tree of the Mahabodhi Temple. The detailed information will be announced later.
All monasteries are requested to offer Monlam following the statutory guidelines enforced by their respective government for the following dates- 8th, 9th, and 10th day of the 12th Month of the Tibetan calendar, which corresponds to the 9th, 10th, 11th of February 2022.

Executive Committee of the Nyingma Monlam Chenmo